ཆབ་སྲིད་འཐབ་རྩོད་ཀྱི་རྣམ་པ་རིགས་མི་འདྲ་བ་གཉིས།

Jhakhang

17-07-2021 • 53 mins

ངས་འདིའི་ཇ་ཁང་གི་ལེ་ཚན་ནང་དུ། བསྟན་རྡོར་དང་ཀིརྟི་གཉིས་ཀྱིས་སྒེར་ལངས་ཤིག་ཅེས་པའི་དཔེ་དེབ་དང་འབྲེལ་ནས། འཐབ་རྩོད་ཅེས་པར་ཅི་ལྟར་གོ་བ་ལེན་དགོས་མིན་དང་། འཚེ་མེད་ཞི་བའི་འཐབ་རྩོད་ཀྱིས་ནུས་པ་ཅི་ལྟར་ཐོན་གྱི་ཡོད་མེད་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད། ཁྱེད་ཀྱིས་ལེ་ཚན་འདི་བརྒྱུད་ནས་འཐབ་རྩོད་ཅེས་པ་ནི་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་ལས་འགུལ་ལྟ་བུ་གཅིག་པོ་ལ་གོ་བ་ལེན་མི་རིགས་པར། འཐབ་རྩོད་ཅེས་པ་ནི་ཁྱེད་རང་མི་སྒེར་གྱི་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཙག་ནས་མགོ་བརྩམས་ཆོག་པ་ཞིག་ཡིན་པ་དང་། གཞི་རྒྱ་ཆེ་བའི་འཐབ་རྩོད་ཀྱི་ལས་འགུལ་ཞིག་སྤེལ་སྐབས་གོ་སྐབས་འཛིན་རྒྱུ་གལ་ཆེན་པོ་ཡིན་པ་བཅས་ལ་ངེས་ཤེས་རྙེད་ཐུབ་པ་མ་ཟད། རྒྱ་ཆེ་ཆུང་གི་རྣམ་པ་མི་འདྲ་བའི་ལས་འགུལ་རིགས་གཉིས་ཀྱི་བར་ལ་མེ་ལྕེ་དང་མེ་རོའི་ཚུལ་གྱི་འབྲེལ་བ་དམ་པོ་ཞིག་ཡོད་པའི་གནས་ལུགས་ཀྱང་ཞར་ལ་རྟོགས་ཡོང་ངེས། སྒེར་གཅོད་དང་དྲག་གནོན་ཆེ་བའི་ཆབ་སྲིད་འཛིན་སྐྱོང་གི་འོག་ཏུ་མི་དམངས་ཀྱིས་ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ་མང་པོ་ཞིག་ལག་ལེན་དུ་བསྟར་ཐུབ་པ་ཡིན་ན་གཞི་ནས་རྒྱལ་ཁ་ལེན་ཐུབ་བོ། --- Send in a voice message: https://podcasters.spotify.com/pod/show/jhakhang/message