རྒྱ་ནག་མི་དམངས་ཀྱི་ངོ་རྒོལ།

Jhakhang

12-12-2022 • 31 mins

ཐེངས་འདིའི་ཇ་ཁང་གི་ལེ་ཚན་ནང་། རྒྱ་ནག་གི་རིམས་འགོག་བཀག་སྡོམ་གྱི་སྲིད་ཇུས་ལ་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་སྐོར་ནས་ཡིན། ཉེ་ཆར་ཞིན་ཅང་ཝུའུ་རུའུ་མི་ཆི་རུ་མེ་སྐྱོན་བྱུང་སྐབས། རིམས་འགོག་བཀག་སྡོམ་ལ་རྐྱེན་བྱས་ནས་མི་མང་པོ་རྐྱེན་འདས་སུ་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ། ཧྲང་ཧེ་ནས་གཞུང་གི་སྲིད་ཇུས་འདིར་ངོ་རྒོལ་གྱི་ལས་འགུལ་སྤེལ་མགོ་བརྩམས་ཞིང་། དེ་ནས་པེ་ཅིན་དང་ཧྲང་ཧེ། ཀོང་ཀྲིག ཝུའུ་ཧན་སོགས་གྲོང་ཁྱེར་མང་པོའི་ནང་ཁྱབ་ཡོད་པ་ལྟར། རྒན་རྒྱལ་ལོ་དང་བསྟན་རྡོར་གཉིས་ནས་རྒྱ་ནག་ཏུ་བྱུང་བཞིན་པའི་ལས་འགུལ་འདིའི་ཤུགས་རྐྱེན་དང་། བོད་མིའི་ངོས་ནས་ལས་འགུལ་འདི་ལ་ངོས་འཛིན་ཞུ་ཕྱོགས་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུས་ཡོད།