བཅའ་སྡོད་སློབ་གྲྭ་མང་པོ་བཙུགས་ཡོད་པའི་གནས་ཚུལ་ངོ་སྤྲོད།

Jhakhang

20-09-2022 • 41 mins

ཐེངས་འདིའི་ཇ་ཁང་གི་ལེ་ཚན་ནང་དུ་རྒྱ་ནག་གཞུང་གིས་ད་ལྟའི་བར་བོད་ཀྱི་ས་ཁུལ་དུ་བཅའ་སྡོད་སློབ་གྲྭ་མང་པོ་བཙུགས་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་དེ། ད་ལྟའི་བར་བོད་ཀྱི་སློབ་ཕྲུག་ས་ཡ་གཅིག་ལྷག་ལ་བཅའ་སྡོད་སློབ་གྲྭ་བརྒྱུད་ནས་མི་སེར་སྤེལ་བའི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ནང་དུ།ལོ་ན་ཆུང་བའི་སློབ་ཕྲུག་མང་པོ་ཞིག་ཕ་མ་དང་ཁ་བྲལ་དུ་བཅུག་ནས་ལུས་སེམས་གཉིས་ལ་དཀའ་ངལ་བཟོས་ཡོད་པ་མ་ཟད། དེང་སྐབས་སློབ་གྲྭ་དེ་དག་གི་ནང་རྒྱ་སྐད་རྒྱ་ཡིག་གི་སློབ་གསོའི་ཐབས་ལམ་རྒྱ་ཁྱབ་ཏུ་སྤེལ་ནས་བོད་པའི་ངོ་བོ་བརླག་ཐབས་བྱེད་བཞིན་པ་སོགས་ཀྱི་འགལ་རྐྱེན་མང་པོ་ཞིག་བྱུང་བཞིན་པས་ན། རྒན་རྒྱལ་ལོ་དང་དཔལ་ལྡན་བསོད་ནམས་གཉིས་ལ་གནས་ཚུལ་འདི་དག་གི་སྐོར་ནས་བཅར་འདྲི་ཞུས་ཡོད། --- Send in a voice message: https://podcasters.spotify.com/pod/show/jhakhang/message

You Might Like